Select Page

Information on admission criteria, documents requirement and tuition fee details for the enrollment of candidates recognized dratshang and Shedra for the academic year 2021 in different programs through self-funding mode.

  1. B.Sc. Traditional Medicine (Drungtsho Course) 3 slots
  • Pass academic transcript in (6th zindra) recognized dratshang/shedra.
  • Citizenship Identity card copy.
  • General Class VIII pass certificate.
  • Security Clearance.
  • Nomination Letter from concerned Dratshang/shedra.
  1. Diploma in Traditional Medicine (Menpa Course) 2 slots
  • Pass academic transcript in (4th zindra) recognized dratshang/shedra.
  • Citizenship Identity card copy.
  • General Class VIII pass certificate
  • Security Clearance
  • Nomination Letter from concern dratshang/shedra.

The annual course fee with boarding facilities is Nu. 163,324/- (Ngultrum one lakh sixty-three thousand three hundred twenty-four) only and for day scholar, the annual course fee is Nu. 138,324/- (Ngultrum one lakh thirty-eight thousand three hundred twenty-four) only.

Interested candidates fulfilling the criteria are required to submit the document at: tshering.lham87@kgumsb.edu.bt within 25th June, 2021.

For further information please contact Drungtsho Tendrel Wangdi, Dy. Dean Student Affairs @ 17969674.

༆   ནང་པའི་གསོ་རིག་སློབ་ཚོགས་ཀྱིས་སྤྱི་ལོ་༢༠༢༡ ལོའི་དྲུང་འཚོའི་སློབ་སྦྱོང་ནང་ལུ་མི་ངོ་༣ དང་། སྨན་པའི་སློབ་སྦྱོང་ནང་ལུ་མི་ངོ་༢ ངོས་འཛིན་ཅན་གྱི་གྲྭ་ཚང་དང་བཤད་གྲྭ་ཁག་ལས་ཟད་འགྲོ་རང་གིས་བཏང་ཐོག་ལས་འཛུལ་ཞུགས་འབད་ནིའི་འོས་འབབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན།

འཛུལ་ཞུགས་ཁྱད་ཚད།

ཀ༽ དྲུང་འཚོ་ལོ་ལྔའི་སློབ་སྦྱོང་གི་དོན་ལུ།

༡ བཤད་གྲྭ་ནང་ལས་འཛིན་གྲྭའམ་བཤད་གྲྭ་ལོ་རིམ་༦ པ་མཐར་འཁྱོལ་བའི་ལག་ཁྱེར་དང་སྐུགས་ཤོག

༢ མི་ཁུངས་ངོ་སྤྲོད་ལག་ཁྱེར།

༣ སྤྱིར་བཏང་སློབ་གྲྭ་ཁག་ལས་སློབ་རིམ་༨ པ་མཐར་འཁྱོལ་བའི་ལག་ཁྱེར།

༤ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར།

༥ གྲྭ་ཚང་དང་བཤད་གྲྭ་ཚུ་ལས་མི་ངོ་བཏོན་ཏེ་བཏང་བའི་ཡི་གུ

ཁ༽ སྨན་པ་ལོ་ངོ་གསུམ་གྱི་སློབ་སྦྱོང་གི་དོན་ལུ།

༡ འཛིན་གྲྭའམ་བཤད་གྲྭ་ལོ་རིམ་༤ པ་མཐར་འཁྱོལ་བའི་ལག་ཁྱེར་དང་སྐུགས་ཤོག

༢ མི་ཁུངས་ངོ་སྤྲོད་ལག་ཁྱེར།

༣ སྤྱིར་བཏང་སློབ་གྲྭ་ཁག་ལས་སློབ་རིམ་༨ པ་མཐར་འཁྱོལ་བའི་ལག་ཁྱེར།

༤ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར།

༥ གྲྭ་ཚང་དང་བཤད་གྲྭ་ཚུ་ལས་མི་ངོ་བཏོན་ཏེ་བཏང་བའི་ཡི་གུ

ལོ་རེ་ལུ་སློབ་སྦྱོང་གི་འཐུས་ནང་སྡོད་ཨིན་པ་ཅིན་ དངུལ་ཀྲམ་༡༦༣,༣༢༤/ དང་། ཕྱི་ཁར་སྡོད་པ་ཅིན་དངུལ་ཀྲམ་ ༡༣༨,༣༢༤/ ཐམ་པ་ཤོ་ཐེངས་༢ སྦེ་བཙུགས་དགོ།

ཞུ་ཡིག་ཚུ་ tshering.lham87@kgumsb.edu.bt ཐོག་ལས་སྤྱི་ཚེས་༢༥/༦/༢༡ གི་ནང་འཁོད་བཙུག་དགོཔ་དང་། ཁ་གསལ་གྱི་དོན་ལུ་ དྲུང་འཚོ་རྟེན་འབྲེལ་དབང་འདུས་ལུ་ འགྲུལ་འཕྲིན་ཨང་ ༡༧༩༦༩༦༧༤ ཐོག་ལས་འབྲེལ་བ་མཛད་གནང་།

 

Call Us